སྤྱི་ཟླ་5བའི་ཚེས་1ཉིན་སྨན་དཔྱད་ཟླ་བའི་རྒྱལ་བོའི་ཁྲིད་ལུང་གི་ཟབ་སྦྱོང་འཛིན་གྲྭ་བསྡུས།
[སྤེལ་དུས། 11-05-11] [རྩོམ་ཡོངས་ཁུངས། ངེད་དྲ་བ།] [རྩོམ་སྒྲིག་པ། admin] [རྡེབ་ཚད། ]

སྤྱི་ལོ་2011ལོའི་ཟླ་5བའི་ཚེས་1ཉིན། སྐབས་བརྒྱད་པའི་མཚོ་སྔོན་འཇིགས་མེད་བོད་སྨན་དང་འཇིགས་མེད་བོད་སྨན་ཁང་གཉིས་ཀྱིས་མཉམ་དུ་བསྒྲུབ་པའི་༼སྨན་དཔྱད་ཟླ་བའི་རྒྱལ་བོ་ ༽ཡི་ཁྲིད་ལུང་གི་ཟབ་སྦྱོང་འཛིན་གྲྭ་ཟི་ལིང་ནས་བསྡུས།

ཚེས་1ནས་3གྱི་བར་དགེ་བའི་བཤེས་གཉེན་ཆེན་མོ་འཇམ་དབྱངས་དམ་ཆོས་ཚང་གདན་དྲངས་ཏེ་སྐབས་བརྒྱད་པའི་མཚོ་སྔོན་འཇིགས་མེད་བོད་སྨན་དང་འཇིགས་མེད་བོད་སྨན་ཁང་གཉིས་ཀྱིས་མཉམ་དུ་བསྒྲུབ་པའི་༼སྨན་དཔྱད་ཟླ་བའི་རྒྱལ་བོ་ ༽ཡི་ཁྲིད་ལུང་གི་ཟབ་སྦྱོང་འཛིན་གྲྭ་གཟབ་རྒྱས་ངང་ཟི་ལིང་དུ་བསྡུས། དགེ་བའི་བཤེས་གཉེན་ཆེན་མོ་འཇམ་དབྱངས་དམ་ཆོས་ཚང་གིས་བོད་ཀྱི་གསོ་དཔྱད་ཀྱི་གཞུང་སྔ་གྲས་སྨན་དཔྱད་ཟླ་བའི་རྒྱལ་བོའི་ལུང་དང་བོད་ཀྱི་གསོ་བ་རིག་པའི་བྱུང་འཕེལ་ལོ་རྒྱུས་སྐོར་གྱི་མན་ངག་དྲོན་མོ་གནང་བ་རེད། ཐེངས་འདིའི་ཟབ་སྦྱོང་དུ་ཞུགས་མཁན་བོད་ཆོལ་ཁ་གསུམ་གྱི་གསོ་རིག་རྗེས་འཛིན་རྣམས་གང་མང་འདུས་ཤིང་ཀུན་གྱིས་དགའ་བསུ་ཆེན་པོ་ཐོབ། དེར་བསྟུན་འདི་ལྟ་བུའི་བྱ་འགུལ་མང་པོ་སྤེལ་ཏེ་བོད་ཀྱི་གསོ་བ་རིག་པའི་བསྟན་པ་རབ་ཏུ་འབར་བར་གྱུར་ཅིག 

མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་གི་དགེ་རྒན་བཀྲ་ཤིས་དོན་གྲུབ་ནས་རྒྱུ་ཆ་མཁོ་འདོན་བྱས།

 

Tags:སྤྱི་ཟླ་5བའི་ཚེས་1ཉིན་སྨན་དཔྱད་ཟླ་བའི་རྒྱལ་བོའི་ཁྲིད་ལུང་གི་ཟབ་སྦྱོང་འཛིན་གྲྭ་བསྡུས། འགན་འཁུར་རྩོམ་སྒྲིག་པ། admin
ཆེ། འབྲིང་། ཆུང་། ༽ ༼ པར་བཤུ།རྩོམ་བསྐུར་ཡུལ། ༽ ༼ ཉར་ཚགས། ༽ ༼ འོས་སྦྱོར། ༽ ༼ ཟུམ་པ། ༽ ༼ མགོར་བསྐྱོད་པ།
ངོས་གོང་མ། བོད་ཀྱི་གསོ་རིག་ཆེད་མཁས་པ་བྱམས་པ་འཕྲིན་ལས་མཆོག་སྐུ་གཤེགས་པ། ངོས་རྗེས་མ། ཀོས་ནན་རྫོང་ནས་སྨན་ངོས་འཛིན་སྐོར་གྱི་གསར་འགྱུར།

དཔྱད་བརྗོད།

དཔྱད་གཏམ་སྤེལ་བ།
ལེ་ཚན་གཞན་པ།
རྩོམ་ཡིག་གསར་བ།
གླེང་སྤྲོའི་རྩོམ་ཡིག

འབྲེལ་གཏུག་བྱེད་གནས། MSN: Gsorig@hotmail.coM ཡིག་ཟམ། Qinghaijohn@yahoo.com.cN མ་དངུལ་རོགས་སྐྱོར། ཐེབས་རྩ་ཚོགས་པ།
Copyright@http://www.gsorig.com all rights reserved 青ICP备09000665号
Powered by Qhjohn Code © 2009-2012 Tibetmc.coM -- Gsorig.coM
གསོ་རིག་དྲ་བ། 医学藏文网 医学藏文网络服务中心