དབྱར་ཟླ་བདུན་པའི་སུམ་མདོ་རྩ་ཐང་ནི་རྟ་ནོར་ལུག་གསུམ་གྱིས་ཡོངས་སུ་གཏམས་ཤིང་། འདབ་ལོ་རྣམ་པར་བཀྲ་བའི་རི་སྐྱེས་སྨན་རྫས་དག་ལ་དེ་བས་གསོན་ཉམས་ལྡན། ཟླ་བརྒྱད་པའི་ཚེས་གསུམ་ཉིན་ནས་ཚེས་དགུ་ཉིན་བར་རང་རེ་སློབ་གླིང་གི་དགེ་རྒན་ཆེན་མོ་ཀརྨ་ཚོགས་གཉིས་དང་དགེ་རྒན་འབྲུག་རྩེ། དགེ་རྒན་ཆོས་དབྱིངས་རང་གྲོལ་གསུམ་གདན་ཞུས་གནངས་པ་བཞིན་ཀོས་ནན་རྫོང་སུམ་མདོ་ཞང་གི་གཙོ་སྒྲུབ་གནངས་པའི་ཀོས་ནན་རྫོང་གི་སྐབས་གསུམ་པའི་བོད་སྨན་ངོས་འཛིན་དང་རྒྱུན་སྤྱོད་ལག་ལེན་ཟབ་སྦྱོང་འཛིན་གྲྭར་ཞུགས་པ་ཡིན། ཐེངས་འདིའི་ཟབ་སྦྱོང་འཛིན་གྲྭ་ཀོས་ནན་རྫོང་སུམ་མདོ་བྱེ་སྣ་རུ་བསྡུས་ཤིང་། ས་གནས་དེ་གའི་སྨན་པ་རྒན་རབས་པ་སྐོར་ཞིག་དང་། རྫོང་བོད་སྨན་ཁང་། ཞང་སོ་སོའི་འཕྲོད་བསྟེན་ཁང་། སྡེ་བ་དང་དགོན་པ་སོ་སོའི་སྨན་པ། གཞན་བོད་ཀྱི་གསོ་བ་རིག་པ་ལ་དུང་ཞེ་ཆེ་བའི་གསར་སློབ་པ་སོགས་མི་༡༤༦འདུས་ཡོད། ཐེངས་འདིར་གཙོ་བོ་སྔོ་སྨན་ངོས་འཛིན་དང་། རྡོ་སྨན་ལས་གྲགས་ཆེ་བ༤༠ལྷག་གི་ངོས་འཛིན། རྒྱུན་སྤྱོད་སྨན་སྣ་འགའི་སྦྱོར་སྡེ། གཏར་ག། བད་ཀན་སྨུག་པོའི་གསོ་བཅོས་སོགས་ཀུན་ལ་མཁོ་བའི་ལག་ལེན་སྐོར་ཞིག་དམར་ཁྲིད་བྱས་པ་བརྒྱུད་ཀུན་གྱིས་དག་གིས་དགའ་བསུ་ཆེན་པོ་ཐོབ།
སྦྲ་གུར་སློབ་ཁང་།
སློབ་ཁྲིད་གནངས་བཞིན་པ།
སྨན་ངོ་ངོས་འཛིན།
སྨན་ངོ་ངོས་འཛིན།
ཐེངས་འདིར་ཞུགས་པའི་དགེ་སློབ་ལྷན་རྒྱས།